1. EachPod

ཡོ་རོབ་ནང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་དང་པོ་ཚོགས་པ།

Author
Voice of Tibet
Published
Wed 20 Aug 2025
Episode Link
https://vot.org/%e0%bd%a1%e0%bd%bc%e0%bc%8b%e0%bd%a2%e0%bd%bc%e0%bd%96%e0%bc%8b%e0%bd%93%e0%bd%84%e0%bc%8b%e0%bd%a2%e0%be%92%e0%be%b1%e0%bd%a3%e0%bc%8b%e0%bd%a1%e0%bd%b4%e0%bd%98%e0%bc%8b%e0%bd%86%e0%bd%ba%e0%bd%93/

འདི་ཚེས་ ༡༤ ནས་འགོ་འཛུགས་ཀྱིས་ཚེས་ ༡༦ བར་སུད་སི་གྲོང་འཁྱེར་ཛུ་རིག་ནང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་རྩེད་འགྲན་གོ་སྒྲིག་ཞུས་འདུག་པ་དང་། རྩེད་འགྲན་དེ་བཞིན་ཡོ་རོབ་ནང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད་འདུག དེ་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་གནང་བའི་ཉིན་གསུམ་གྱི་རྩེད་འགྲན་དེ་ནི། ཡུ་རོབ་ཏུ་གནས་སྡོད་བྱེད་མཁན་བོད་མི་རྣམས་ཀྱི་བར་མཐུན་སྒྲིལ་དང་སྤོབས་སེམས། རེ་བ་བཅས་ལ་འབྲེལ་ལམ་གཟབ་ཏུ་གཏོང་རྒྱུར་དམིགས་པ་ཞིག་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བྱང་ཆུབ་རྒྱལ་མཚན་ལགས་སུ་རྩེད་འགྲན་དེ་འབྲེལ་བཀའ་འདྲི་ཞུ་སྐབས། ཁོང་གིས་རྩ་བའི་ཚོགས་པ་དེ་གའི་ངོས་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་གོ་སྐབས་ཀྱི་དེང་ཆ་ཞིག་བསྐྲུན་ཐབས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་ཀྱིས། ཕྱི་ལོ་ ༢༠༡༦ ནས་ཡོ་རོབ་ནང་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་གོ་སྒྲིག་ཞུ་ཐབས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད་པ་དེ་ལྟར་ཡང་། འདི་ལོ་རྩེད་འགྲན་དེ་བཞིན་གོ་སྒྲིག་ཞུས་ཐུབ་པ་དང་། མ་འོངས་ཨོ་གླིང་ནང་དུ་དང་གོ་སྒྲིག་ཞུ་འཆར་ཡོད་ཅེས་འགྲེལ་བརྗོད་གནང་སོང་། ཐེངས་འདིའི་ཡོ་རོབ་ཁུལ་གྱི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གྱི་རྩེད་འགྲན་དེའི་ཁྲོད། སུད་སི་དང་། བེལ་ཇི་ཡམ། ཕ་རན་སི། ལིཀ་ཊེན་སིཊ་ཡིན། ཨིན་ལན་སོགས་ཀྱི་ཁྱོན་རུ་ཁག་ ༡༢ མཉམ་ཞུགས་གནང་ཡོད་འདུག་པ་དང་། མཐའ་མའི་རྩེད་འགྲན་དེ་བོད་པ་ཆིག་སྒྲིལ་རུ་ཁག་དང་། བེལ་ཇི་རམ་རུ་ཁག་གཉིས་ཀྱི་བར་རྩེད་འགྲན་གནང་བའི་བརྒྱུད། ཡོ་རོབ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་གྱི་རྒྱལ་ཁ་བོད་པ་ཆིག་སྒྲིལ་རུ་ཁག་ལ་ཐོབ་ཡོད་པ་རེད་འདུག རྩེད་འགྲན་གྱི་ཉིན་མཐའ་མར་མཇུག་བསྡོམས་མཛད་སྒོའི་ཐོག སུད་སུ་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཞུ་གཏུག་འགན་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ཆེད་ཕེབས་ཀྱིས། རྩེད་འགྲན་པའི་དམིགས་ཡུལ་ནི་རྒྱལ་ཁ་ཐོབ་པ་དང་། ཕམ་ཁ་བྱུང་བ་ཁོ་ན་མ་ཡིན་པར། རྩེད་འགྲན་སྐབས་རྩེད་འགྲན་པ་གཅིག་ནས་གཞན་ཞིག་གིས་རྩལ་དང་ཐབས་ལམ་སོགས་སྦྱོང་བ་དང་། རང་ལས་ལོ་ན་གཞོན་པའི་བོད་པའི་གཞོན་སྐྱེས་རྣམས་ལ་སེམས་ཤུགས་སྦྱིན་ཐབས་བྱེད་དགོས་སྐོར་གསུང་བཤད་གནང་འདུག The post ཡོ་རོབ་ནང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་དང་པོ་ཚོགས་པ། appeared first on vot.

Share to: