ཁ་སང་ཕྱི་ཚེས་ ༢༣ ཞོགས་པ་ཕྱག་ཚོད་ ༡༠།༠༠ ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་༸རྗེ་བཙུན་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་དཔལ་བཟང་པོ་མཆོག་ལ་དྭགས་བསོད་ནམས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཇི་ལྟར་གསོལ་འདེབས་གོ་སྒྲིག་ཞུ་དོན་ལྟར། ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སིལ་སྤོལ་རྩེད་ཐང་དུ་ཞབས་སོར་བཀའ་དྲིན་འཁོད་དེ་མང་ཚོགས་བརྒྱ་ཕྲག་འགལ་བར་ཆོས་འབྲེལ་དང་བླང་དོར་བཀའ་སློབ་བསྩལ་སོང་། དེ་ཡང་རིན་པོ་ཆེ་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་མ་ཐག ལ་དྭགས་བོད་མིའི་མང་གཙོ་ཀ་བ་གསུམ་དང་། ལ་དྭགས་གླེ་བྱང་གཉིས་ཀྱི་ས་གནས་ཆོས་རིགས་ཚོགས་གཙོ། ལ་དྭགས་བོད་ཁྱིམ་སློབ་སྤྱི་རྣམས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་ཞིང་། ལ་དྭགས་བོད་ཁྱིམ་གྱི་དུས་འཁོར་མཆོད་རྟེན་དང་། འདི་ལོའི་གོ་སྟོན་དུ་གསར་དུ་བཞེངས་པའི་མ་ཎི་ལག་འཁོར་ ༡༡༣ ལ་རབ་གནས་ལྗགས་ལུང་བཅས་བསྩལ་རྗེས། རིན་པོ་ཆེ་མཆོག་གིས་བོད་མི་སེར་སྐྱ་འགོ་མང་ཡོངས་ལ་སྒྲོལ་མའི་ལུང་དང་། བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཅས་བསྩལ་བ་མ་ཟད། བླང་དོར་བཀའ་སློབ་བཀའ་དྲིན་བསྩལ་བའི་ཁྲོད་ལ་དྭགས་ལ་བྱང་ཐང་དང་བཅས་པའི་བོད་རིགས་གྲངས་བོར་མང་པོ་ཡིན་དུས་བཙན་བྱོལ་ནང་གི་གཞི་ཆགས་གལ་ཆེ་ཞིག་ཡིན་པ་དང་། ང་ཚོ་ལུང་པ་རྒྱ་འོག་ལ་ཤོར་ནས་རང་གི་ཡུལ་དུ་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་སྲུང་སྐྱོབ་བྱེད་པར་མིང་ཙམ་ཡང་མེད་པའི་སྐབས་ཀྱི་དུས་ཚོད་ཛ་དྲག་དང་ཐབས་སྡུག་པོའི་སྐབས། ༸གོང་ས་༸སྐྱབས་མགོན༸རྒྱལ་བ་རིན་པོ་ཆེ་མཆོག་གཙོས་པའི་སྟོན་འཁོར་ཉུང་ཤས་ཤིག་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་ཐུབ་ནས། སྐུ་ལས་འཛད་མེད་བསྐྱོན་ནས་ཐོག་མར་བོད་མིའི་གནས་སྐབས་ཀྱི་སྡོད་གནས་གཞིས་ཆགས་ཁག་དང་། ཕུགས་རྒྱང་རིང་པོར་བོད་ཕྲུག་ཚོར་དེང་དུས་ཤེས་ཡོན་གྱི་གོ་སྐབས་གནང་བ་འདི་ནི། ༸རྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པ་ཞིག་ཡིན་པས་ང་ཚོས་རྟག་ཏུ་བཀའ་དྲིན་ལ་བསམ་ཤེས་དགོས་པའི་བཀའ་སློབ་ཕེབས་སོང་། རིན་པོ་ཆེ་མཆོག་གིས་སྐབས་དེར་ད་དུང་མང་ཚོགས་ལ་སྒྲོལ་མའི་ལུང་བཀའ་དྲིན་བསྩལ་གནང་མཛད་རྗེས། དུས་རྒྱུན་དུ་རྗེ་བཙུན་སྒྲོལ་མར་གསོལ་འདེབས་དང་སྒྲོལ་མ་ཁ་འདོན་གང་མང་འདོན་ན་སྤྱི་སྒེར་གཉིས་ཀ་ལ་ཕན་རླབས་ཆེ་བཅས་བཀའ་གནང་སོང་། རྩ་བའི་༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་བཞུགས་སྒར་ནས་ཆིབས་ཐོན་གྱིས། མ་ན་ལི་བརྒྱུད་ཐོག་མར་ལ་དྭགས་ཟངས་དཀར་དུ་ཆིབས་བསྒྱུར་མཛད་དེ། ས་གནས་ཀྱི་དགོན་སྡེ་ཁག་ལ་གནས་གཟིགས་དང་། མང་ཚོགས་ཆིག་ཁྲི་བརྒལ་བར་ཆོས་འབྲེལ། སློབ་གྲྭ་འདྲ་མིན་གྱི་སློབ་མ་རྣམས་ལ་འདབ་ཤོག་གཉིས་ལྡན་གྱི་ལྷག་བསམ་ལྡན་པའི་སློབ་མ་བཟང་པོ་ཞིག་བྱེད་དགོས་པའི་བཀའ་སློབ་དང་སློབ་མའི་དྲི་བ་ཁག་ལ་བཀའ་ལན། དེ་བཞིན་ས་གནས་ཀྱི་གནས་ཡོད་དཔོན་རིགས་རྣམས་དང་ལྷན་མཇལ་འཕྲད་སོགས་ཀྱི་མཛད་འཆར་གྲུབ་རྗེས། ཟླ་བ་འདིའི་ཚེས་ ༡༣ ཉིན། ལ་དྭགས་དར་ཆ་དཔའ་ཏུམ་ཕེབས་ལམ་བརྒྱུད། ལ་དྭགས་ཀྱི་སེང་གེ་ཁ་བབ་དང་ཟངས་དཀར་གྱི་ཆུ་བོ་གཉིས་གཅིག་ཏུ་འདྲེས་མཚམས་ཀྱི་ས་ཚིགས་རྒྱ་གར་གྱི་སྐད་དུ་སང་གམ་ཞེས་པར་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་གཞོན་པ་སྐུ་ཞབས་ཚེ་རིང་དབང་ཕྱུགས་གཙོས་པའི་གནད་ཡོད་མི་སྣ་དང་། དད་ལྡན་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཐོག ལ་དྭགས་འཁྲིག་སེ་དགོན་པར་སྐྱབས་རྗེ་འཁྲིག་སེ་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས། གཟིམ་ཆུང་ཤེས་རབ་སྐྱེད་ཚལ་གླིང་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་བ་དང་། འདི་ཚེས་ ༡༥ ཉིན་དེ་གར་ཚེ་དཔག་མེད་ཀྱི་དབང་ལུང་བཀའ་དྲིན་བསྩལ་གནང་མཛད་ཡོད། མ་ཟད་ཕྱི་ཚེས་ ༡༧ ཉིན་རིན་པོ་ཆེ་མཆོག་ལ་དྭགས་ནུབ་ར་བདེ་སྐྱིད་དགོན་པར་ཕེབས་ཐོན་གྱིས། ཚེས་ ༡༨ ཉིན་ནུབ་ར་ས་གནས་ནང་པ་ཚོགས་འདུས་ཀྱིས་གོ་སྒྲིག་འོག སྐལ་བཟང་མ་ཎེ་དང་ཧུན་དར་ས་གནས་སུ་གནས་གཟིགས་གནང་ནས་ཡིད་དགའ་ཆོས་འཛིན་གཟིམ་ཆུང་དུ་བཞུགས་བཞག་མཛད་གནང་བ་དང་། ཕྱི་ཚེས་ ༡༩ ཉིན་ནུབ་ར་བདེ་སྐྱིད་ཕོ་བྲང་དུ་དད་ལྡན་མི་མང་རྣམས་ལ། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་གསུང་ཆོས་བཀའ་དྲིན་བསྩལ་གནང་མཛད་རྗེས། […] The post ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ལ་དྭགས་བོད་མི་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་སྩལ་བ། appeared first on vot.