1. EachPod

༸སྐུའི་གོ་སྟོན་འཚམས་འདྲི་དང་བོད་མི་གནས་སྟངས་རྒྱུས་ལོན་ཆེད་བཞུགས་སྒར་དུ་འཚམས་གཟིགས།

Author
Voice of Tibet
Published
Fri 05 Sep 2025
Episode Link
https://vot.org/%e0%bc%b8%e0%bd%a6%e0%be%90%e0%bd%b4%e0%bd%a0%e0%bd%b2%e0%bc%8b%e0%bd%82%e0%bd%bc%e0%bc%8b%e0%bd%a6%e0%be%9f%e0%bd%bc%e0%bd%93%e0%bc%8b%e0%bd%a0%e0%bd%9a%e0%bd%98%e0%bd%a6%e0%bc%8b%e0%bd%a0%e0%bd%91/

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། འབྲེལ་ཡོད་ལས་བྱེད་ཁག་གཅིག་བཞུགས་སྒར་དུ་༸རྒྱལ་བའི་གོ་སྟོན་འཚམས་འདྲི་ཞུ་ཆེད་དང་། བོད་མིའི་དངོས་ཡོད་གནས་སྟངས་གཟིགས་ཞིབ་སོགས་ཀྱི་ཆེད་བཞུགས་སྒར་དུ་ཆེད་ཕེབས་གནང་འདུག དེ་ཡང་ཨ་རི་དང་ཇར་མ་ནི། ཡོ་རོབ་བཅས་སུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༦ དང་། ལས་བྱེད་བགྲེས་པ་བཅས་ཁྱོན་མི་གྲངས་ ༢༧ ནས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་མིའི་མང་གཙོ་དུས་ཆེན་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་ ༦༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་དང་སྟབས་བསྟུན། བཞུགས་སྒར་དུ་ཆེད་ཕེབས་ཀྱིས་གཞུང་འབྲེལ་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་ཅིང་། དེ་རིང་ཚེས་ ༥ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ། ༸སྐུའི་གོ་སྟོན་འཚམས་འདྲི་ཞུས་འདུག འདི་ག་རླུང་འཕྲིན་ཁང་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ནང་དུ་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་གྱི་ཚོགས་མི་ཁག་ཡོད་པར་ཁོང་རྣམ་པས་འདུན་པ་དེ་བཞིན་གཙོ་བོ་༸རྒྱལ་བའི་གོ་སྟོན་ལ་འཚམས་འདྲི་ཞུ་རྒྱུ་ཡིན་པར་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་ཡི་ཡོད་སྟབས། བོད་མིའི་མང་གཙོ་དུས་ཆེན་གྱི་ཉིན་མོ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རྩ་ཆེན་ཞིག་ཡིན་པར་ཉིན་མོ་དེ་དང་བསྟུན་ནས། བོད་མི་མང་ཚོགས་དང་ལྷན་དུ་མཇལ་འཕྲད་མཚོན་པའི་མཉམ་ཞུགས་གནང་ཐུབ་ཚེ་དགེ་མཚན་ཆེ་བ་ཡོད་པར་གཞིགས་ཏེ། ཆེད་བཅར་ཞུས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་། མ་ཟད་ཁ་སང་ཚེས་ ༤ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་དོན་དང་འབྲེལ་བའི་ཐོག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚེས་ ༣ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ལྷན་དུ་གྲོས་མོལ་གཏིང་ཟབ་བྱུང་ཡོད་འགྲེལ་བརྗོད་ཀྱིས། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དེ་དག་ལས་དོན་བྱེད་ཕྱོགས་ཐད་ལམ་སྟོན་གནང་མཁན་ཡིན་སྟབས། བཞུགས་སྒར་དྷརྨ་སཱ་ལཱའི་ཁུལ་གྱི་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་གནས་སྟངས་མཁྱེན་རྟོགས་ཡག་པོ་བྱུང་ཚེ་དགེ་མཚན་ཆེ་བ་ཡོད་སྐོར་གསུངས་སོང་། ལྷག་པར་ཁག་ཅིག་ལོ་ངོ་ ༤༥ ཙམ་གྱི་རྗེས་སུ་དྷརྨ་སཱ་ལཱར་ཕེབས་པ་ཞིག་ཆགས་ཀྱི་ཡོད་ཅིང་། ད་རེས་འཚམས་གཟིགས་དེའི་བརྒྱུད་ནས་མ་འོངས་པར་བོད་དོན་ཐོག་སྔར་ལྷག་ལས་དོན་གནང་རྒྱུ་མཚོན་པའི་ཚོགས་མི་རྣམས་ཚོར་བ་ཆེན་པོ་དང་སེམས་ཤུགས་འཕར་བའི་གནས་སྟངས་བྱུང་ཡོད་པ་འགྲེལ་བརྗོད་གནང་སོང་། རྩ་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་འབྲེལ་ཡོད་ལས་བྱེད་རྣམས་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཚེས་ ༡ ནས་དེ་རིང་བར་ཉིན་གྲངས་ ༥ ཡི་མཛད་རིམ་ཁྲོད། གཞན་ཡང་འདི་ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་ཀྱིས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་མཇལ་འཕྲད་ཀྱི་བཀའ་མོལ་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བའི་ནང་། སྐབས་དེར་ཚོགས་གཙོ་མཆོག་ནས་ལས་འགུལ་ཁང་གི་ཡུན་རིང་རྒྱབ་སྐྱོར་ལ་བསྔགས་བརྗོད་དང་འབྲེལ། ལོ་ངོ་བཅུ་ཕྲག་འགའ་ཤས་ལྷག་གི་རིང་བོད་ཀྱི་རྩ་དོན་ཐོག་འབད་བརྩོད་བརྒྱུད་ཨ་རི་དང་ཡོ་རོབ་གཙོས་པའི་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་བར་ཕར་ཐོགས་ཆེན་པོ་བྱུང་ཡོད་པ་གསལ་སྟོན་གནང་བའི་ཐོག བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་གཅིག་ནི་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེ་ཡིན་པ་བསྐྱར་ནན་གནང་འདུག ཚོགས་གཞོན་མཆོག་གིས་ཀྱང་། རྒྱ་གཞུང་གིས་བོད་ནང་ཡར་རྒྱས་ལ་ཁ་གཡར་ཏེ་དྲང་བདེན་མིན་པའི་བྱ་འགུལ་སྤེལ་གྱི་ཡོད་སྟབས། བོད་མིར་དྲང་བདེན་ཡོང་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དགོས་གལ་ཡིན་པ་དང་། […] The post ༸སྐུའི་གོ་སྟོན་འཚམས་འདྲི་དང་བོད་མི་གནས་སྟངས་རྒྱུས་ལོན་ཆེད་བཞུགས་སྒར་དུ་འཚམས་གཟིགས། appeared first on vot.

Share to: