1. EachPod

རྒྱལ་ཁབ་ ༡༥ ནས་ཚོགས་བཅར་བ་ ༩༥ ཙམ་མཉམ་ཞུགས་ཐོག་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་སོང་།

Author
Voice of Tibet
Published
Thu 03 Jul 2025
Episode Link
https://vot.org/%e0%bd%a2%e0%bd%a3%e0%bd%81%e0%bd%96-%e0%bc%a1%e0%bc%a5-%e0%bd%93%e0%bd%a6%e0%bd%9a%e0%bd%82%e0%bd%a6%e0%bd%96%e0%bd%85%e0%bd%a2vot/

དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་དབུས་སྣེ་ལེན་ཁང་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་ཀྱི་མ་འོངས་འདུན་ལམ་ཆེད། བོད་དོན་འཐབ་རྩོད་ཀྱི་འབོད་སྒྲ་དང་། ལས་འགུལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་དམིགས་པས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་དང་བྱང་ཨ་རི།  ཡུ་རོབ། གཞན་ Scandinavian སོགས་རྒྱལ་ཁབ་ཁག་ ༡༥ ཙམ་ནས་ཚོགས་བཅར་བ་བོད་མིའི་གཞོན་སྐྱེས་ཁྱོན་ ༩༥ ཙམ་མཉམ་ཞུགས་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ཀྱི་དབུས་པའི་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དང་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་བཅས་གཙོ་ཞུགས་གནང་འདུག སྐབས་དེར་སྐུ་ཞབས་ Richard Gere ལགས་ཀྱིས་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་སོགས་ཀྱི་གསལ་བསྒྲགས་བསྐྱངས་གནང་མཛད་རྗེས། ཚོགས་བཅར་བ་བསྟན་བདག་བླ་ཆེན་རྣམ་པའི་བར་བཀའ་བསྡུར་བྱུང་བའི་ཁྲོད། ཁྱད་དུ་འཕགས་པའི་སྐྱེས་ཆེན་དམ་པ་༸གོང་ས་མཆོག་ད་ལྟའི་ཆར་བོད་མི་གཅིག་པུར་མ་ཡིན་པར་འཛམ་གླིང་ཡོངས་ཀྱིས་གཅེས་ནོར་ཡིན་པ་ལུང་འདྲེན་དང་སྦྲགས། བོད་ཀྱི་ཆོས་དང་རིག་གཞུང་དེ་བཞིན་གོ་ལ་འདིའི་ནང་རིན་ཐང་ལྡན་པ་ཞིག་ཡིན་པ་དང་། སྐུ་ཞབས་ཁོང་རང་ཉིད་ལྟ་བུ་མཚོན་ན། བོད་ཀྱི་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་འདིའི་ནང་འགྲོ་བ་ཀུན་ཞི་བདེ་བག་ཕེབས་ངང་མཉམ་གནས་བྱ་རྒྱུ་སོགས་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་གཟིགས་འདོད་ཡོད་སྐོར་དང་། དེའང་ཆབ་སྲིད་དང་རྒྱལ་ཁབ་ཀྱི་གནད་དོན་མ་ཡིན་པར་གོ་ལ་སྤྱི་དང་དེ་ལས་ལྷག་པའི་གནད་དོན་ཞིག་ཡིན་པས། ཁྱེད་རྣམ་པ་རྩ་ཆེ་བའི་རིག་གཞུང་འདིའི་ཕོ་ཉ་ལྟ་བུ་ཡིན་པར་ཧ་ཅང་གི་འགན་ཆེན་པོ་ཡོད་པ་གསུངས་སོང་། དེ་རིང་སྔ་དྲོ་གཞོན་སྐྱེས་ཚོགས་ཆེན་དབུ་བྱེད་ཀྱི་ལས་རིམ་གྲུབ་མཚམས། འདི་ག་གསར་འགོད་པས་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་སུ་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་རེས་ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་གཞོན་སྐྱེས་ཚོགས་ཆེན་འདིའི་ཐོག་བོད་དོན་ཞུ་གཏུག་གནང་ཕྱོགས་སོགས་ཀྱི་ཟབ་སྦྱོང་ཕུལ་རྗེས་མ་འོངས་ལས་དོན་སྤེལ་ཕྱོགས་ཀྱི་ཁ་ཕྱོགས་དང་འབྲེལ་བའི་འཆར་གཞི་སྒྲིག་རྒྱུ་ཡིན་པ་གསུངས་བ་མ་ཟད། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་ས་ཁུལ་འདྲ་མིན་ནས་ཕེབས་པའི་འབྲེལ་མཐུད་པ་ལྔ་ཙམ་མ་གཏོགས་གཞན་ཚང་མ་གསར་པ་ཡིན་པ་དང་བེུད་མང་བ་སླེབས་ཡོད་པ་སོགས་གསུངས་སོང་། The post རྒྱལ་ཁབ་ ༡༥ ནས་ཚོགས་བཅར་བ་ ༩༥ ཙམ་མཉམ་ཞུགས་ཐོག་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་སོང་། appeared first on vot.

Share to: