1. EachPod

རྒྱ་གར་ལྷོ་ཕྱོགས་སུ་༸རྒྱལ་བའི་གོ་སྟོན་དང་བསྟུན་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་བ།

Author
Voice of Tibet
Published
Mon 21 Jul 2025
Episode Link
https://vot.org/vott%e0%bd%a2%e0%bd%82%e0%bd%a2%e0%bd%a3%e0%bd%95%e0%bd%82%e0%bd%a6%e0%bd%a6%e0%bd%a2/

ཕྱི་ཟླ་ ༧ཚེས་༡༩ དང་ ༢༠ སྟེ། ཉིན་གཉིས་རིང་མཱེ་སོར་གྲོང་ཁྱེར་ Kalamandiraས་གནས་སུ་རྒྱ་གར་ཡུལ་མི་དང་བོད་མི། ཕྱི་རྒྱལ་མི་རིགས་སོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་གནང་སྟེ་བོད་ཀྱི་དུས་སྟོན་ཞིག་ཟབ་རྒྱས་ངང་འཚོགས་གནང་སོང་། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་བཞིན་བོད་མི་གནས་སྡོད་ས་ཕྱོགས་ཀུན་ལ་༸རྒྱལ་བའི་སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་དང་ཞུ་མུས་ཡིན་པ་བཞིན། དུས་སྟོན་དེ་ཡང་འདི་ག་རྒྱ་གར་ལྷོ་ཕྱོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་དང་། ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་། སྦེལ་ཀོབ་ལུགས་བདེ་གཉིས་བཅས་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་བཞི་ཐུན་མོངས་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་འགོ་ཐུབ་བསྟན་ཚེ་རིང་ལགས་ནས་ངོ་སྤྲོད་གནང་སོང་། ཉིན་གཉིས་ཀྱི་དུས་སྟོན་ཐོག་སྐུ་མགྲོན་དུ་ JSS ཧིན་རྡུའི་བླ་ཆེན་ H.H Jagadguru Sri Sri Sri Shivarathri Deshikendra Mahaswamiji མཆོག་དང་། H.H Jagadguru Sri Sri Dr. NirmalanandathaMahaswamiji མཆོག ཀར་ན་ཏྲ་ཀ་མངའ་སྡེ་གཞུང་གི་ནང་སྲིད་བློན་ཆེན་སྐུ་ཞབས་ Shri G. Parameshwara མཆོག སྤྱི་ཚོགས་བདེ་དོན་བློན་ཆེན་ Dr. H.C. Mahadevappa མཆོག་སོགས་གནད་ཡོད་ས་གནས་དཔོན་རིགས་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད། བོད་མིའི་དགོན་སྡེ་ཁག་གི་མཁན་པོ་དང་ས་གནས་འགོ་འཛིན་སོགས་ཆེད་ཕེབས་གནང་སོང་། སྐབས་དེར་སྐུ་མགྲོན་རྣམས་ནས་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་རྗེས་སུ་ཡི་རངས་ཞུ་བ་མ་ཟད་ཁོང་ནི་འཛམ་གླིང་ཞི་བདེའི་དེད་དཔོན་དང་ཀུན་གྱི་དད་མོས་གནང་སའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པར་གསུང་གནང་སོང་། ནང་སྲིད་བློན་ཆེན་མཆོག་ནས་དེ་སྔ་རྒྱ་གར་གྱི་སྲིད་བློན་ནེ་རུ་ནས་ད་ལྟའི་སྲིད་བློན་མོ་རྡི་བར། བོད་མི་ཚོར་རྒྱ་གར་གཞུང་ནས་རོགས་སྐྱོར་གནང་ཡོད་པ་བཞིན་དེ་སྔ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་དམ་པ་ S.Nijalingappa ནས་ལྷོ་ཕྱོགས་བོད་མི་གཞིས་ཆགས་ཁག་ལ་ཇི་ལྟར་མཐུན་རྐྱེན་རོགས་རམ་གནང་བ་བཞིིན་རྒྱ་གར་ནི་བོད་མི་ཚོས་སོ་སོའི་ནང་ལྟ་བུ་ཡིན་པ་ཚོར་དགོས་པ་གསུངས་བྱུང་། དུས་སྟོན་འདིའི་དམིགས་བསལ་ལས་རིམས་ཤིག་ནི་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་གདན་ཞུ་གནང་སྟེ་མེངྒ་ལོར་དུ་རྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་གསུམ་དང་ལྷག་པར་དུ་མེ་སོར་གྲོང་ཁྱེར་ནས་དུས་སྟོན་ལ་ཤེས་ཡོན་སྡེ་ཚན་ཁག་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་དང་མི་མང་ལ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལ་ངོ་སྤྲོད་གཏམ་བཤད་དང་བགྲོ་གླེང་གནང་ཡོད་པ་རེད། བོད་ཀྱི་དུས་སྟོན་དེའི་ཐོག་ཆོས་ཕྱོགས་ཀྱི་ལས་དོན་དང་། དཀྱིལ་འཁོར་བཞེངས་ཚུལ་སོགས་གཞིས་ཆགས་དགོན་སྡེ་ཁག་ནས་གཟིགས་འབུལ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་བོད་ཀྱི་གསོ་བ་རིག་པ། གཞན་ཡང་ལྷ་འབྲི་དང་སྐུ་འདྲ། ཆས་གོས། རིག་གཞུང་འཁྲབ་སྟོན། ༸རྒྱལ་བའི་མཛད་འཕྲིན་ཀྱི་སྐུ་པར་འགྲེམས་སྟོན། […] The post རྒྱ་གར་ལྷོ་ཕྱོགས་སུ་༸རྒྱལ་བའི་གོ་སྟོན་དང་བསྟུན་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་བ། appeared first on vot.

Share to: