1. EachPod

ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོད་པ་མངོན་གསལ།

Author
Voice of Tibet
Published
Fri 05 Sep 2025
Episode Link
https://vot.org/vott%e0%bd%89%e0%bd%a0%e0%bd%84%e0%bd%82%e0%bd%a6%e0%bd%9a%e0%bd%82%e0%bd%a6%e0%bd%a0%e0%bd%90%e0%bd%a6-2/

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་གི་མཇལ་ཁའི་སྐབས། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ Wada Yuchiro ཝ་དཱ་ཡུ་ཆི་རཱོ་ལགས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོད་པ་མངོན་གསལ་དང་འབྲེལ། མགོན་པོ་༸གང་ཉིད་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་གནང་འདུག དེ་ཡང་འདི་ཚེས་ ༣ ཉིན་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ Wada Yuchiro ཝ་དཱ་ཡུ་ཆི་རཱོ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་ཁོང་གིས་༸རྒྱལ་བའི་གོ་སྟོན་ལ་འཚམས་འདྲི་ཞུས་ཏེ། མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་། ཞི་བདེའི་མཛད་རྗེས་དེ་ཉིད་འཛམ་གླིང་ཡོངས་ལ་ཁྱབ་པ་དང་། མུ་མཐུད་དེ་ལྟར་གནང་སྐྱོང་ཡོང་བའི་གསོལ་འདེབས་དང་འབྲེལ། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་དོན་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བསྐྱར་ནན་ཞུས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་མཛད་དོན་དུ། འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་ཡོང་གི་ཡོད་པ་དེ་ལྟར་ཡང་། སེམས་ནང་ཞི་བདེ་དང་བྱམས་སྙིང་རྗེ་ཡོད་ན་དཀའ་རྙོག་དེ་དག་སེལ་ཐུབ་རྒྱུ་ཡིན་པ་བཀའ་སྩལ་དང་འབྲེལ། དེ་ལྟར་ཡོང་བ་ལ་ཐོག་དང་པོར་རང་ཉིད་ཀྱི་ཨ་མ་ཇི་ཙམ་བཀའ་དྲིན་ཆེན་པོ་ཡིན་པ་དྲན་ཏེ། བྱམས་པ་དང་སྙིང་རྗེའི་གལ་གནད་ཤེས་དགོས་ཤིང་། དེ་ལྟ་བུའི་བརྩེ་བའི་བསམ་པ་དེ་ཉིད་དགྲ་ལའང་བསམ་ཐུབ་པ་བྱུང་ཚེ་འཛམ་གླིང་གི་རྙོག་དྲ་མང་པོ་ཞིག་སེལ་ཐུབ་རྒྱུ་ཡིན་པའི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག འདི་ཚེས་ ༡ ཉིན་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་ཀྱིས། བོད་དང་ཉི་འོང་བར་གྱི་འབྲེལ་བ་དང་། མ་འོངས་བོད་དོན་འཐབ་རྩོད་སླད་དུ་ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་ལ་གླེང་སློང་བྱུང་འདུག ཚེས་ ༣ ཉིན་ཕྱི་དྲིལ་བཀའ་ལས་ཁུངས་སུ་ཕེབས་ཏེ། བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་མཇལ་འཕྲད་ཀྱིས། བོད་དོན་གླེང་སློང་ཙམ་མ་ཟད། ཕྱི་དྲིལ་ལས་ཁུངས་ངོས་ནས་བོད་མིའི་སྒྲིག་འཛུགས་སྐོར་དང་། དེའི་ལས་དོན་བྱེད་ཕྱོགས་སོགས་དང་འབྲེལ་ནས་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་རེད་འདུག གཞན་ཡང་འདི་ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ལས་ཁུངས་སུ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་དང་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕྲེལ་རིམ་སོགས་ཀྱི་ཐོག་བཀའ་བསྡུར་ཀྱིས། ཉི་འོང་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་སོགས་འཇོག་གནང་ཡོང་བའི་འབོད་སྐུལ་ཞུས་གནང་བ་མ་ཟད། ཁོང་ནས་རང་དབང་དང་། མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་ལག་བསྟར་བྱ་རྒྱུ་ནི་སོ་སོའི་ཡུལ་ལུང་ཙམ་མ་ཡིན་པར་ཚང་མར་དགོས་མཁོ་ཆགས་ཀྱི་ཡོད་སྟབས། དེར་འགོག་རྐྱེན་བཟོ་མཁན་ལ་ཚང་མས་མཉམ་རུབ་ཀྱིས་གདོང་ལེན་བྱ་གལ་ཡིན་སྐོར་སོགས་གསུངས་ཏེ། ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཡ་མ་ཏ་ནི་ཨེ་རི་ཀོ་ Yamatani Eriko ལགས་ཀྱི་གསུང་འཕྲིན་ངོ་བཤུས་ཤིག་ཕུལ་འདུག རྩ་བའི་ཁོང་གིས་མང་གཙོ་དུས་ཆེན་གྱི་གསུང་བཤད་སྐབས། བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཞིག་ཡིན་པ་དང་། རྒྱ་ནག་གིས་རྒྱལ་ནང་གནད་དོན་ཡིན་ཞེས་བཤད་ཀྱི་ཡོད་པ་དེ་དངོས་བདེན་མིན་ཞིང་། གནད་དོན་དེ་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་མ་ཟད། ཕྱི་ཟླ་ ༧ ཚེས་ […] The post ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོད་པ་མངོན་གསལ། appeared first on vot.

Share to: