དེ་རིང་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Tibetan Refugee Trader’s Association འམ་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། Ludhiana ལུ་དྷི་ཡཱ་ནཱ་གཙོ་བོར་གྱུར་བའི་རྒྱ་གར་རྒྱལ་ས་ལྡི་ལི་དང་ཅཱན་དྷི་གྷར་སོགས་བོད་མི་སུད་ཚོང་བ་རྣམས་ལ་ལོ་མང་ནས་ཚོང་ཟོག་ཚོང་འགྲེམས་གནང་མཁན་རྒྱ་གར་ཚོང་པའམ་ལཱ་ལཱ་ ༢༨༠ སྐོར་ཞིག་ལ་མཇལ་ཁ་སྩལ་འདུག མཇལ་ཁ་གྲུབ་མཚམས། འདི་ག་གསར་འགོད་པས་སྐབས་ ༦ པའི་བཙན་བྱོལ་བོད་མི་ཚོང་པ་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་རྒྱས་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས། ཁོང་གིས་འདི་ལོ་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ངོས་ནས་༸རྒྱལ་བའི་གོ་སྟོན་དང་བསྟུན། རྒྱ་གར་གྱི་མངའ་སྡེ་ཁག་འདྲ་མིན་ནང་དུ་དགུན་ཚོང་གཉེར་མཁན་བོད་མི་ ༥༦༠༠ ལྷག་གི་ཚབ་ཞུས་ཏེ། སྲོག་བླུ་དང་རླུང་རྟ་དར་འཛུགས་གནང་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མི་བཙན་བྱོལ་བ་རྣམས་དང་ལྷན་དུ་ཡིད་ཆེས་བློ་འཁེལ་ཐོག་ཚོང་ལས་གཉེར་མཁན་རྒྱ་གར་ཚོང་པ་ལཱ་ལཱ་རྣམས་ཀྱི་རེ་འདུན་བཞིན། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་རྒྱུའི་ལས་རིམ་འདི་གོ་སྒྲིག་གནང་ཡོད་པ་འགྲེལ་བརྗོད་གནང་སོང་། ༸གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་རྒྱ་གར་ཚོང་པ་རྣམས་ལ་བཀའ་འདྲི་ཞུས་སྐབས། ཁོང་རྣམས་ནས་དགའ་ཚོར་གྱི་རྣམ་པ་ཤུགས་ཆེའི་ཐོག དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེ་ཧ་ཅང་གི་སྐལ་པ་བཟང་པོ་ཞིག་བྱུང་ཡོད་པ་སོགས་གསུངས་སོང་། Ludhiana ལུ་དྷི་ཡཱ་ནཱ་རྒྱ་གར་ཚོང་པ་ཚོགས་པའི་ཚོགས་གཙོས་ Ludhiana ལུ་དྷི་ཡཱ་ནཱ་ནས་རྒྱ་གར་ཚོང་པ་ ༢༥༠ ཙམ་ཆེད་བཅར་ཞུས་ཡོད་ཅིང་། མཇལ་ཁ་དང་བྱིན་རླབས་ཧ་ཅང་ཡག་པོ་ཐོབ་སོང་བ་མ་ཟད། ༸སྐུའི་འཁྲུངས་དཀར་གྱི་འཚམས་འདྲི་ཡང་ཞུ་རྒྱུ་བྱུང་ཞེས་སོགས་འགྲེལ་བརྗོད་གནང་སོང་། དེ་བཞིན་ Chandigarh ཅཱན་དྷི་གྷར་ནས་ཡིན་པའི་ Kamaljeet Singh Panchi ཀཱ་མཱལ་ཇིཏ་སིངྒ་པཱན་ཅི་ལགས་ཀྱིས། ཆུང་དུས་ནས་༸གོང་ས་མཆོག་མཇལ་རྒྱུའི་འདུན་པ་ཡོད་པ་དེ་ད་རེས་གྲུབ་པར་དགའ་ཚོར་ཆེན་པོ་བྱུང་སོང་བ་དང་། བོད་མི་རྣམས་ལོ་ལྟར་ཅཱན་དྷི་གྷར་ནང་དུ་ཟླ་བ་བཞིའི་རིང་ཚོང་ལས་གཉེར་གི་ཡོད་ཅིང་། ཁོང་ཚོར་ས་གནས་དཔོན་རིགས་ལྷན་དུ་འབྲེལ་བ་བྱེད་རྒྱུ་སོགས་ཀྱི་དཀའ་ངལ་རྣམས་ལ་རོགས་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་རྣམས་སྡུག་དཀའ་ལས་རྒྱག་མཁན་དང་། ཧ་ཅང་སེམས་བཟང་པོ་ཡོད་པར་དེ་ལྟ་བུ་ཁྱད་ཆོས་དེ་དག་སྤྱི་ཚོགས་ཚང་མའི་ནང་དགོས་གལ་རེད་ཅེས་འགྲེལ་བརྗོད་གནང་སོང་། སྔ་དྲོ་མཇལ་ཁ་གྲུབ་མཚམས་རྒྱ་གར་ཚོང་པ་མི་གྲངས་ ༢༠ ཙམ་རྣམས་བོད་མིའི་སྒྲིག་འཛུགས་སུ་གཟིགས་སྐོར་ཕེབས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཐོག་གནས་ཚུལ་སྤེལ་བའི་ནང་། མཇལ་ཕྲད་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་མི་རྣམས་རྒྱ་གར་བཙན་བྱོལ་ལ་གྱར་ནས་ལོ་ངོ་ […] The post ༸གོང་ས་མཆོག་གིས་བོད་མི་སུད་ཚོང་བར་ཚོང་ཟོག་ཚོང་འགྲེམ་གནང་མཁན་རྒྱ་གར་ཚོང་པ་རྣམས་ལ་མཇལ་ཁ་སྩལ་བ། appeared first on vot.