1. EachPod

དབྱིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་བཅོས་གནང་དགོས་པའི་ཞུ་སྐུལ།

Author
Voice of Tibet
Published
Wed 25 Jun 2025
Episode Link
https://vot.org/%e0%bd%91%e0%bd%96%e0%be%b1%e0%bd%b2%e0%bd%93%e0%bc%8b%e0%bd%82%e0%bd%9e%e0%bd%b4%e0%bd%84%e0%bc%8b%e0%bd%82%e0%bd%b2%e0%bd%a6%e0%bc%8b%e0%bd%96%e0%bd%bc%e0%bd%91%e0%bc%8b%e0%bd%90%e0%bd%bc%e0%bd%82/

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབྱིན་ཡུལ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ཉིན་མཐའ་མར་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་ལྷན་མཇལ་འཕྲད་དང་འབྲེལ། དབྱིན་ཡུལ་གྲོས་ཚོགས་སུ་ཨ་རི་ལྟར་བོད་དོན་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་གནང་དགོས་པ་མ་ཟད། དབྱིན་གཞུང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་བཅོས་ཡོང་བའི་ཞུ་སྐུལ་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་ ༢༣ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ London དུ་རྟེན་གཞི་བྱས་པའི་ Westminster གྲོས་ཚོགས་ཀྱི་ཚོགས་ཁང་ནང་གོ་སྒྲིག་གནང་བའི་མཇལ་མོལ་དེའི་སྐབས། དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ Chris Law ལགས་དབུས། གྲོས་ཚོགས་འཐུས་མི་ལྕམ་ Jessica Morden དང་ Clive Lewis, Wera Hobhouse ལགས། དེ་བཞིན་གྲོས་ཚོགས་འཐུས་མི་གཞན་གཉིས་ཀྱི་ཕྱག་རོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྟེ། བོད་རང་དབང་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་དོན་ལས་འགུལ་ལྟེ་གནས་ཁང་། དབྱིན་ཡུལ་བོད་རིགས་ཚོགས་པའི་སྐུ་ཚབ་དང་རྒྱབ་སྐྱོར་བ་བཅས་ཆེད་ཕེབས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དབྱིན་ཡུལ་གྱིས་བོད་འདྲ་བའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ངོས་འཛིན་དང་རྒྱབ་སྐྱོར་གནང་དགོས་པའི་གལ་གནད་སྐོར་ནན་བརྗོད་གནང་བ་དང་ཆབས་གཅིག ཁོང་ད་རེས་དབྱིན་ཡུལ་ནང་ཕྱོགས་བསྐྱོད་དུ་ཕེབས་པའི་དམིགས་ཡུལ་གཙོ་བོ་གསུམ་ནི་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་སྐུའི་གོ་སྟོན་དང་འབྲེལ་དབྱིན་གཞུང་གིས་བོད་ཐོག་འཛིན་པའི་གཞུང་འབྲེལ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་དང་། ཨ་རིའི་བོད་དོན་ཁྲིམས་འཆར་ནང་གསལ་བ་ལྟར། དབྱིན་ཡུལ་གཞུང་ངོས་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་ངོས་འཛིན་གྱི་བདག་དབང་མགོན་པོ་༸གང་ཉིད་མཆོག་ཁོ་ནར་ཡོད་པའི་གཞུང་འབྲེལ་སྤྱི་བསྒྲགས་སྤེལ་དགོས་པ། གཞན་ཡང་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་འདི་ལོའི་ལོ་མཇུག་ཏུ་བཞུགས་སྒར་ལ་གདན་འདྲེན་ཞུ་རྒྱུ་སླད་ཡིན་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་སྐབས་དེར་ད་དུང་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་དབྱིན་ཡུལ་གྲོས་ཚོགས་སུ་ཨ་རི་ལྟར་བོད་དོན་ཁྲིམས་འཆར་འདོན་སྤེལ་ཡོང་བའི་རེ་འདུན་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མིའི་བདེ་དོན་ཆེད་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་ཁག་གསལ་འདོན་ཞུ་སླད་༸སྐུའི་གོ་སྟོན་སྲུང་བརྩིའི་ལས་རིམ་གང་མང་སྤེལ་དགོས་པའི་ཞེན་སྐུལ་གནང་འདུག རྩ་བའི་སྲིད་སྐྱོང་མཆོག་གིས་ཉིན་དེའི་སྔ་དྲོ་དབྱིན་ཡུལ་གྱི་ཕྱི་འབྲེལ་དང་ནོར་སྲིད་ལས་ཁུངས་ཁྱབ་ཁོངས་རྒྱ་ནག་ཚན་པའི་དབུ་ཁྲིད་མཚོན་པའི་ལས་བྱེད་ཁག་གཅིག་ལ་ཟུར་དུ་མཇལ་འཕྲད་ཞུས་ཏེ། འཇར་མ་ནི་དང་ཧྥ་རན་སི་ལྟ་བུའི་རྒྱལ་ཁབ་དང་མཉམ་ལས་ཐོག་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། ཉེ་ལམ་དབྱིན་གཞུང་གིས་ G7 ནང་བོད་དོན་གླེང་སློང་ཐད་ཐུགས་འགན་གང་ཐུབ་བཞེས་པར་དགའ་བསུ་ཞུས་པ་དང་སྦྲགས། ཆོས་དད་རང་མོས་ཐོག་རྒྱལ་སྤྱིའི་འགོ་ཁྲིད་རྣམས་ནས་རྒྱབ་རྟེན་གནང་དགོས་གལ་ཡིན་པ་བསྐྱར་ནན་གནང་འདུག ལར་ནས་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་གོ་སྐབས་དང་བསྟུན་ཕྱི་ལོ་ ༢༠༠༨ ལོར་དབྱིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྒྱུར་བ་གཏང་ནས་རྒྱ་ནག་ལ་བོད་ཐོག་བདག་དབང་གསལ་འདོན་བྱས་པར་དོགས་འདྲི་གནང་སྟེ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་འགལ་གྱི་ཡོད་པ་འགྲེལ་བརྗོད་གནང་བ་དང་འབྲེལ། དབྱིན་གཞུང་ངོས་ནས་བོད་ཐོག་འཛིན་པའི་སྲིད་ཇུས་ཐད་དངོས་བདེན་གཞི་བཅོལ་གྱིས་བསྐྱར་བཅོས་གནང་དགོས་པའི་ཞུ་སྐུལ་གནང་འདུག གཞན་ཡང་འདི་ཚེས་ ༢༢ ཉིན་ལོན་ཌོན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་དེ་སྔོན་འབྲས་སྤྱི་བློན་ཆེན་ཡིན་པ་ Sir […] The post དབྱིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་བཅོས་གནང་དགོས་པའི་ཞུ་སྐུལ། appeared first on vot.

Share to: