རྒྱ་གར་དང་ཨོསྟྲེ་ལི་ཡ། ཨོ་རོབ། བྱང་ཨ་རི། བལ་ཡུལ་སོགས་ནས་བོད་པའི་སློབ་མ་ ༩༠ ཡིས་བྲིས་པའི་རང་ཉིད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བར་ལ་འབྲེལ་ལམ་མཚོན་པའི་རི་མོ་འགྲེམས་སྟོན་གནང་བཞིན་འདུག དེ་ཡང་འགྲེམས་སྟོན་དེ་བཞིན་བཞུགས་སྒར་དྷརྨ་སཱ་ལཱར་ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱིས་གོ་སྒྲིག་དང་། བོད་ཀྱི་ཐེབས་རྩ་དང་། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པ་གཉིས་ཀྱིས་མཐུན་འགྱུར་གནང་བ་ཞིག་ཡིན་ཞིང་། བྱམས་བརྩེའི་ལོ་ཞེས་པ་སྐུའི་གོ་སྟོན་སྲུང་བརྩིའི་ཆ་ཤས་ཤིག་ཡིན་པ་འདུག་པ་དང་། བརྩེ་བའི་༸སྐུ་མདུན་ཞེས་པའི་འགྲེམས་སྟོན་དེ་ཁ་སང་ཚེས་ ༡༧ ནས་འགོ་འཛུགས་ཀྱི་འདི་ཚེས་ ༢༤ བར་ Juniper Café ཇི་ནི་པར་ཇ་ཁང་དང་། The Other Space Gallery and Café དེ་བཞིན་ Dakini House བཅས་ཀྱི་ནང་གནང་བཞིན་འདུག ཐོག་མའི་ཆར་རི་མོ་སྒྱུ་རྩལ་གྱི་ལས་འཆར་དེའི་ནང་ཆ་ཤས་ལེན་མཁན་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་པའི་སློབ་མ་ཁྱོན་ ༧༠༠ ལྷག་མཉམ་ཞུགས་གནང་ཡོད་ཅིང་། དེའི་ཁྲོད་ནས་འདེམས་སྒྲུག་ཚོགས་ཆུང་གིས་རི་མོ་ ༩༠ འདེམས་སྒྲུག་གནང་འདུག་པ་མ་ཟད། མཉམ་ཞུགས་གནང་མཁན་ཁོངས་ནས་སློབ་མ་ལོ་ན་རྒན་ཤོས་ལོ་ ༡༨ དང་ལོ་ན་ཆུང་ཤོས་ལོ་ ༦ ཆགས་ཀྱི་འདུག རི་མོ་འདེམས་སྒྲུག་ཚོགས་ཆུང་ནི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ཁག་བདུན་ལས་གྲུབ་པ་ཞིག་ཆགས་ཀྱི་འདུག འདི་ག་རླུང་འཕྲིན་ཁང་ནས་ཁ་དོག་རི་མོའི་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་བཀྲ་ཤིས་ཉི་མ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ལས་གཞི་དེ་ནི་ད་རེས་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། འགྲེམས་སྟོན་ཐེངས་དང་པོ་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ India International Centre རྒྱ་གར་རྒྱལ་སྤྱི་ལྟེ་གནས་ཁང་དུ་གནང་ཡོད་པ་མ་ཟད། དམིགས་ཡུལ་གཞན་ཞིག་ནི་བོད་པའི་ལོ་ན་གཞོན་པ་དག་ལ་སྒྱུ་རྩལ་གྱི་དོ་དབྱིངས་དང་བག་ཆགས་བསྐྲུན་ཐབས་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་། ལྷག་པར་རི་མོའི་པར་སྒྲོམ་དེ་དག་༸གོང་ས་མཆོག་གི་ཐུགས་དགོངས་བཞིན་ཁོར་ཡུག་ལ་མི་གནོད་པའི་རིགས་བེད་སྤྱོད་བྱེད་ཡོད་པ་དང་། རི་མོ་དེ་དག་ཚོང་འགྲེམས་བྱེད་ཀྱི་ཡོད་པས་བྱུང་དངུལ་ཡོངས་རྫོགས་སློབ་ཕྲུག་རང་ཉིད་ལ་གནང་རྒྱུ་ཡིན་པ་གསུངས་སོང་། རྩ་བའི་ཁ་སང་འགྲེམས་སྟོན་དབུ་འབྱེད་དེ་ […] The post བརྩེ་བའི་༸སྐུ་མདུན་ཞེས་པའི་བརྗོད་གཞིའི་འོག་སློབ་མ་ ༩༠ ཡི་རི་མོ་སྒྱུ་རྩལ་འགྲེམས་སྟོན་བརྒྱུད་གོ་སྟོན་སྲུང་བརྩི། appeared first on vot.