1. EachPod

བོད་པའི་ཚོང་པ་གསར་རྙིང་དང་མ་འཛུགས་གནང་མཁན་བར་འབྲེལ་ལམ་གྱི་ལས་གཞི་དབུ་འཛུགས།

Author
Voice of Tibet
Published
Fri 18 Jul 2025
Episode Link
https://vot.org/%e0%bd%96%e0%bd%91%e0%bd%94%e0%bd%a0%e0%bd%9a%e0%bd%84%e0%bd%94%e0%bd%82%e0%bd%a6%e0%bd%a2%e0%bd%a2%e0%bd%84vot/

འདི་ལོ་སྐུའི་གོ་སྟོན་དང་བསྟུན། བོད་མི་སྤྱི་དང་ལྷག་པར་དད་ལྡན་མང་ཚོགས་རྣམས་ནས་གོ་སྟོན་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་པ་ལྟར། Empowering the Vision འམ་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པས་ Invest in the Future མ་འོངས་པར་མ་རྩ་འཇོག་ཅེས་པའི་ལས་གཞི་ཞིག་དབུ་འབྱེད་གནང་འདུག་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་ཚོང་པ་གསར་རྙིང་དང་མ་རྩ་འཛུགས་མཁན་བར་འབྲེལ་མཐུད་ཆེད་དུ་སྡིངས་ཆ་ཞིག་བསྐྲུན་རྒྱུ་ཡིན་པ་རེད་འདུག དེ་ཡང་འདི་ཚེས་ ༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་ India International Center རྒྱ་གར་རྒྱལ་སྤྱའི་ལྟེ་གནས་ཁང་དུ་དབུ་འབྱེད་གནང་འདུག་ཅིང་། གཙོ་བོ་ད་ལྟའི་ཆར་བཙན་བྱོལ་ནང་བོད་པའི་གཞོན་སྐྱེས་རྣམས་ལ་བསམ་བློ་གསར་གཏོད་ཀྱི་ནུས་པ་རྒྱ་སྐྱེད་ཕྱིན་བཞིན་ཡོད་པ་དང་། སྤྱི་ཡོངས་ཀྱི་བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་དེ་བཞིན་ཡར་རྒྱས་ཕྱིན་བཞིན་ཡོད་སྟབས། མ་རྩ་དགོས་མཁན་རྣམས་ལ་མ་རྩ་མཁོ་སྒྲུབ་དང་། མ་རྩ་འཇོག་མཁན་རྣམས་ལ་དེ་ལྟ་བུའི་སྡིང་ཆ་ཞིག་བསྐྲུན་པ་པའི་བརྒྱུད་བོད་པའི་སྤྱི་ཚོགས་ནང་ཁུལ་རང་ཁ་རང་གསོ་ཙམ་མ་ཟད། ཕྱི་གསལ་ནང་གསལ་དང་། འགན་འཁུར་ལྡན་པའི་འབྲེལ་ལམ་གོང་ཐོར་བརྒྱུད་བོད་མིའི་ཚོང་པ་ནང་ཁུལ་རྒྱབ་སྐྱོར་དང་། ཡིད་ཆེས་ལྡན་པའི་ཁོར་ཡུག་ཞིག་བསྐྲུན་བཅས་ཀྱི་དམིགས་ཚད་བཟུང་ཡོད་པ་རེད་འདུག འདི་གའི་གསར་འགོད་པས་གནད་དོན་དེ་འབྲེལ་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་འགན་འཛིན་ཚེ་རིང་རྒྱལ་པོ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། སྤྱིར་བཏང་ཉེ་ཆར་གློ་བུར་དུ་ཨ་རིའི་རོགས་དངུལ་མེད་པར་གྱུར་དུས། བོད་པའི་སྤྱི་ཚོགས་ནང་དཀའ་ངལ་ཆེ་ཆུང་ལ་ལྟོས་མེད་མང་པོ་ཞིག་དཀའ་ངལ་ནང་ལྷུང་ཡོད་སྟབས། མ་འོངས་མི་གཞན་ལ་བརྟེན་མ་དགོས་པར་རང་ཁ་རང་གསོ་ཡོང་རྒྱུ་དང་། ལས་གཞི་དེ་བཞིན་ཐེངས་མ་དང་པོ་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། རྩ་བའི་འདི་ཚེས་ ༡༦ ཉིན་ལས་གཞི་དེ་འབྲེལ་མཛད་སྒོ་ཞིག་ཚོགས་འདུག་པ་དང་། སྐབས་དེ་དུས་སྐུ་མགྲོན་གྱི་གཙོ་བོར་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། ཚོགས་པ་དེ་གའི་མ་དངུལ་དོ་དམ་པ་དང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། དེ་བཞིན་ལས་གཞི་དེ་འབྲེལ་གྱི་བོད་པའི་ཚོང་པ་རྣམས་པ་ལྷན་ཞུགས་གནང་ཡོད་འདུག་ཅིང་། སྐབས་དེར་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས། ལས་གཞི་གང་འདྲ་ཞིག་སྤེལ་གྱི་ཡོད་ནའང་དཀའ་ངལ་ཆུང་ཚགས་རྣམས་ལ་གཡེང་ནས་མ་བཞུགས་པར་ཕུག་རྒྱང་རིང་པོར་དམིགས་ནས་འབད་བརྩོན་མུ་མཐུད་གནང་རྒྱུ་གལ་ཆེན་ཡིན་པའི་ནན་བརྗོད་གནང་འདུག The post བོད་པའི་ཚོང་པ་གསར་རྙིང་དང་མ་འཛུགས་གནང་མཁན་བར་འབྲེལ་ལམ་གྱི་ལས་གཞི་དབུ་འཛུགས། appeared first on vot.

Share to: