བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ཚེས་ ༡༠ ནས་དེ་རིང་ཚེས་ ༡༧ བར་ཨོསྟྲེ་ལི་ཡཱའི་རྒྱལ་ཁབ་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པ་གནང་ཡོད་པ་དང་འབྲེལ། Newcastle བོད་རིགས་མང་ཚོགས་ལ་གསུང་བཤད་གནང་བའི་ཁྲོད། གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་གནང་དགོས་གལ་ཡིན་པ་མ་ཟད། ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་སྒྲིག་ལྟར་རྒྱལ་ཁབ་གཞན་དག་ནང་དུའང་དེ་འབྲེལ་ངོ་སྤྲོད་ཡོང་བའི་འབད་བརྩོན་གནང་བཞིན་ཡོད་པ་གསུངས་འདུག དེ་ཡང་འདི་ཚེས་ ༡༣ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ Newcastle ནང་དུ་ཐེངས་དང་པོ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་ཁོང་གིས། བོད་མིའི་ལས་འགན་དང་བོད་ཀྱི་སྐད་ཡིག་ཀྱི་རིན་ཐང་བཅས་ཀྱི་ཐོག་ལ་གསུང་བཤད་གནང་བའི་ཁྲོད། ནང་ཆོས་ཡང་དག་པ་ཤེས་པ་ལ་བོད་ཀྱི་སྐད་ཡིག་ངེས་པར་དུ་ཤེས་དགོས་གལ་ཡིན་ཞིང་། བཀའ་འགྱུར་དང་བསྟན་འགྱུར་དེ་དག་བོད་སྐད་ནང་བཞུགས་ཡོད་སྟབས། བོད་པ་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོས་རང་གི་ཕ་སྐད་ཐོག་སྤོབས་པ་སྐྱེས་དགོས་པ་དང་། བོད་མིའི་ངོ་བོ་དང་ཆོས་རིག དེ་བཞིན་རིན་ཐང་སྲུང་སྐྱོབ་ཀྱི་གཞི་རྩ་ནི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་དྲན་སྐུལ་གནང་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་དེ་སྔོན་ཁོང་ཚོགས་གཙོ་ཡིན་པའི་དུས་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་དོན་འཐབ་རྩོད་དེ་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པར་བོད་ཀྱི་སྐད་ཡིག་དང་ཆོས་རིག་སྲུང་སྐྱོབ་བྱ་རྒྱུ་དེ་ཉིད་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པའི་སྐོར་ལ་བཀའ་སློབ་སྩལ་བ་ལུང་འདྲེན་གནང་འདུག་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་ཆེ་ཆེར་བྱེད་བཞིན་པ་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ངོ་བོ་བཅས་ཀྱི་ཐོག་ལ་ངོས་འཛིན་དང་ཆེ་མཐོང་ཟབ་པའི་རྟགས་མཚན་ཞིག་ཡིན་སྐོར་གསུངས་འདུག ལྷག་པར་ཨ་རིས་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་ཁྲིམས་སྒྲིག་ལྟར་རྒྱལ་ཁབ་གཞན་དག་གི་ནང་དུ་བོད་དོན་ཁྲིམས་འཆར་ངོ་སྤྲོད་ཡོང་སླད་འབད་བརྩོན་འགྲོ་མུས་ཡིན་སྐོར་གསུངས་འདུག་ཅིང་། དམིགས་བསལ་བོད་མིའི་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་ལ་ཐུགས་སྣང་གནང་དགོས་པའི་དྲན་སྐུལ་ཐོག དབུ་མའི་ལམ་དང་རང་བཙན་འཐབ་རྩོད་པ་གཉིས་ཀ་རྡོག་རྩ་ཆིག་སྒྲིལ་གྱིས་བོད་ཀྱི་རྩ་དོན་ལ་ཞབས་འདེགས་ཞུ་དགོས་པའི་སྐུལ་འདེབས་གནང་འདུག ཕྱོགས་མཚུངས་འདི་ཚེས་ ༡༤ ཉིན་ Queensland མང་ཚོགས་ལ་གསུང་བཤད་གནང་བའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་འོངས་ཡིག་འཇོག་ཉར་ཚགས་དང་ཁུངས་བཙན་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་ལོ་མཇུག་ཏུ་མགོན་པོ་༸གང་ཉིད་དང་འབྲེལ་བའི་གྲོས་ཆོད་དང་ཡོངས་ཁྱབ་བསྒྲགས་གཏམ། གཞུང་འབྲེལ་ཡིག་ཆ་སོགས་ཕྱོགས་སྒྲིག་བྱ་རྒྱུ་ཡིན་སྐོར་གསུངས་བ་མ་ཟད། མང་ཚོགས་ལ་ད་ལྟའི་རྒྱལ་སྤྱིའི་ས་བབ་ཆབ་སྲིད་ཀྱི་ཁོར་ཡུག་དང་འབྲེལ་ནས། རྒྱ་ནག་ནང་དུ་ཆབ་སྲིད་འགྱུར་བ་དང་། སྲིད་འཛིན་ཞི་ཅིན་ཕིང་གི་དབང་ཆ་ཤོར་རྒྱུའི་གནད་དོན་ཐད་རྒྱལ་སྤྱིའི་དོགས་སློང་བྱེད་ཀྱི་ཡོད་པར། འགྱུར་བ་དེ་དག་ལ་གཞིགས་ཏེ། རྒྱུན་གནས་དང་དོན་ཕན་ལྡན་པར་ཡུན་རིང་གྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཕྱོགས་ལ་འབད་དགོས་པའི་དྲན་སྐུལ་གནང་སོང་། མ་ཟད་སྐབས་ ༡༦ པའི་བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཆོད་སེམས་བརྟན་པོ་ཡོད་པ་དང་། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ལེན་བྱེད་པ་དེས་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་མ་ཡིན་པ་མ་རེད་ཅེས་གསལ་སྟོན་གནང་འདུག དེ་བཞིན་ Brisbane ནང་གི་མང་ཚོགས་ལའང་གསུང་བཤད་གནང་ཡོད་པ་རེད། རྩ་བའི་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༥ ཉིན་ Canberra ཁེན་བྷེ་རཱ་དང་། ཕྱི་ཚེས་ ༡༦ ཉིན་ Melbourne […] The post ཨ་རི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་སྒྲིག་ལྟར་རྒྱལ་ཁབ་གཞན་གྱི་ནང་དུ་འབད་བརྩོན་བྱེད་བཞིན་ཡོད་པ་གསུངས་འདུག appeared first on vot.