བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ལོ་ངོ་ ༦༦ ཧྲིལ་པོར་འཁོར་བའི་དུས་ཚིགས་དང་བསྟུན། ཁ་སང་ཕྱི་ཟླ་ ༨ ཚེས ༢༧ ཉིན་ལོ་ལྟར་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་གཉིས་བར་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་ཡོད་པ་དང་། ད་རིང་གི་ལས་རིམ་འདིའི་ནང་རྔོན་པ་རུ་ཁག་གི་འཁྲབ་གཞས་ནགས་ཤོད་སྟག་ཕུའི་ཨར་གཞས་དང་། རྒྱལ་ལུ་རུ་ཁག་གི་ལྷོ་ཁའི་འཁྲབ་གཞས་སྐལ་པ་བཟང་པོ་འདི་རུ་ཐོབ་ཅེས་པའི་སྐོར་ལ་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་དང་། བསྟན་འཛིན་ནོར་བཟང་ལགས་སུ་བཅར་འདྲི་ཞུས་ཏེ་ཆེད་སྒྲིག་ཞུས་ཡོད། རྩ་བའི་ཕྱི་ལོ་ ༢༠༢༥ ལོའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་ཁྲོད། མཐའ་མའི་རྒྱལ་ཁ་འདི་བཞིན་རྒྱ་ལུ་རུ་ཁག་ལ་ཐོབ་ཡོད་པ་དང་། དེ་ནི་ལོ་ངོ་ ༡༡ རྗེས་སུ་རྒྱ་ལུ་རུ་ཁག་ལ་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཀྱི་འདུག འདི་ག་རླུང་འཕྲིན་ཁང་ནས་རྒྱ་ལུ་རུ་ཁག་གི་རུ་དཔོན་བསྟན་འཛིན་ཉི་མ་ལགས་དང་། རྔོན་པ་རུ་ཁག་གི་རུ་དཔོན་བསྟན་འཛིན་ཉི་མ་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་ཆེད་སྒྲིག་སྒྲ་སྒམ་ནས་གསན་ཐུབ། གཞི་རྩའི་ཁ་སང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་ཟློས་གར་ཚོགས་པའི་གལ་གནད་ནན་བརྗོད་དང་འབྲེལ། ཚོགས་མི་རྣམ་པ་སྒྲིག་འཛུགས་ནང་རྒྱུན་རིང་ཙམ་བཞུགས་ཐུབ་ན་ཕན་ཐོགས་ཡོད་པའི་འབོད་སྐུལ་སོགས་གནང་ཡོད། The post ༢༠༢༥ ལོའི་དབྱར་སྐྱིད་འཁྲབ་གཞས་ཁག་གིཅག་དང་འབྲེལ་ནས་ཆེད་སྒྲིག་ལས་རིམ། appeared first on vot.