1. EachPod

༢༠༢༥ ལོའི་བོད་རིགས་གཞོན་སྐྱེས་ཀྱི་འགོ་ཁྲིད་ཟབ་སྦྱོང་འགྲོ་བཞིན་པ།

Author
Voice of Tibet
Published
Fri 18 Jul 2025
Episode Link
https://vot.org/%e0%bc%a2%e0%bc%a0%e0%bc%a2%e0%bc%a5-%e0%bd%a3%e0%bd%bc%e0%bd%a0%e0%bd%b2%e0%bc%8b%e0%bd%96%e0%bd%bc%e0%bd%91%e0%bc%8b%e0%bd%a2%e0%bd%b2%e0%bd%82%e0%bd%a6%e0%bc%8b%e0%bd%82%e0%bd%9e%e0%bd%bc%e0%bd%93/

ཨ་རིའི་རྒྱལ་ས་ Washington DC ནང་དུ་ཡུལ་དེའི་ས་གནས་འདྲ་མིན་ནས་ཕེབས་པའི་བོད་མི་ན་གཞོན་ ༡༢ ཙམ་ལྷན་འཛོམས་ཐོག་བོད་དོན་ཞུ་གཏུགས་དང་གྲོས་ཚོགས་སུ་རྒྱབ་སྐྱོར་འཚོལ་ཐབས། ཁྲིམས་བཟོའི་བརྒྱུད་རིམ་བཅས་ཀྱི་ཐོག་འགོ་ཁྲིད་ཟབ་སྦྱོང་ཕུལ་བཞིན་འདུག དེ་ཡང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་ཌི་སིར་ཟླ་བ་འདིའི་ཕྱི་ཚེས་ ༡༢ ནས་དབུ་འཛུགས་ཀྱིས་སང་ཉིན་བར་ཁྱོན་གཟའ་འཁོར་གཅིག་གི་རིང་བོད་རིགས་ན་གཞོན་གྱི་འགོ་ཁྲིད་ཟབ་སྦྱོང་ཞིག་འཚོག་བཞིན་འདུག་པ་དང་། ཟབ་སྦྱོང་དེའི་ཁྲོད་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་གཙོས་པའི་ལྟེ་གནས་ཁང་དེའི་གཙོ་འཛིན་ཟུར་པ་སྐུ་ཞབས་ John Ackerly ལགས་དང་ལྟེ་གནས་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་བཅས་ཀྱིས་ཨ་རིའི་ཆབ་སྲིད་ཀྱི་འགྲོ་ལུགས་དང་ཕྱི་འབྲེལ་སྲིད་བྱུས་གཙོས་པའི། མ་འོངས་འགོ་ཁྲིད་གནང་ཕྱོགས་དང་དེ་བཞིན་བོད་དོན་ཞུ་གཏུག་བྱེད་ཕྱོགས་སོགས་ཀྱི་ཐབས་བྱུས་འདྲ་མིན་སྐོར་ཟབ་ཁྲིད་གནང་འདུག ཟབ་སྦྱོང་གོ་སྒྲིག་གནང་མཁན་གྲས་སུ་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་དང་འབྲེལ་འདྲིས་འགན་འཛིན་ཚེ་སྦྱིན་མཁའ་འགྲོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ལྟེ་གནས་ཁང་དེས་ལོ་ལྟར་ཨ་རིའི་མཐོ་སློབ་ཁག་གི་བོད་རིགས་གཞོན་སྐྱེས་རྣམས་ལ་ཟབ་སྦྱོང་དེ་འདྲ་ཞིག་གོ་སྒྲིག་གནང་དོན་གང་ཡིན་བཅས་ཀྱི་ཐད་ལ་ངོ་སྤྲོད་གནང་པ་དང་འབྲེལ། སློབ་མ་ཚོའི་ངོས་ནས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་འགྲོ་ལུགས། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སོགས་རྒྱུས་ལོན་གཏིང་ཟབ་ཡོང་ཆེད་དོ་དབྱིངས་ཆེན་པོ་གནང་གི་ཡོད་པ་གསུངས་སོང་། ཁོང་རྣམས་ནས་འདས་པའི་ཉིན་གྲངས་བཞིའི་རིང་ཨ་རི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་གི་འགན་འཛིན་ Maya Wang ལགས་དང་འགན་འཛིན་ཟུར་པ་ Sophie Richardson ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་གཞུང་འབྲེལ་ལམ་འགན་འཛིན་ Franz Matzner ཧྥརེནྫ་མཱཛནར་ལགས། དེ་བཞིན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ལས་ཁང་གི་དྲུང་ཆེ་དང་རྒྱ་རིགས་འབྲེལ་མཐུད་པ་སོགས་དང་ཐུག་འཕྲད་ཀྱིས་ཞུ་གཏུགས་གནང་ཕྱོགས་དང་བོད་ནང་གང་བྱུང་བཞིན་པ་བཅས་ཀྱི་སྐོར་བཀའ་བསྡུར་གནང་བ་མ་ཟད། ཨ་རིའི་གྲོས་ཚོགས་སུ་འཚམས་གཟིགས་ཀྱིས་གྲོས་ཚོགས་གོང་འོག་གཉིས་ཀྱི་ལས་བྱེད་ཁག་གཅིག་དང་ལྷན་དུ་ཚོགས་འདུ་འཚོགས་པ་དང་གཞན་ཡང་ཁ་སང་ཕྱི་དྲོར་ཁུལ་དེའི་མངའ་སྡེ་ཁག་གཅིག་ནང་ལས་སྣེ་འདྲ་མིན་གཉེར་བཞིན་པའི་བོད་མི་ན་གཞོན་ཁག་ཅིག་དང་ལྷག་པར་ Human Rights First ཞེས་པའི་ཚོགས་པའི་གཙོ་འཛིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ལྕམ་སྐུ་ UZRA ZEYA ལགས་བཅས་དང་མཇལ་འཕྲད་གནང་འདུག རྩ་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ལོ་ལྟར་གོ་སྒྲིག་ཞུ་བཞིན་པའི་བོད་མི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་དེ་ཐོག་མ་ཕྱི་ལོ་ ༢༠༠༡ ནས་གནང་འགོ་བཙུགས་པ་དང་། ཐེངས་འདིའི་ཟབ་སྦྱོང་ཐོག་ཨ་རི་ནིའུ་ཡོག་དང་སི་ཡ་ཊལ་གྲོང་ཁྱེར། དེ་བཞིན་ Connecticut བཅས་ཨ་རིའི་མངའ་སྡེ་འདྲ་མིན་བདུན་ནས་ཁྱོན་བོད་རིགས་ན་གཞོན་ ༡༢ མཉམ་ཞུགས་གནང་འདུག་ཅིང་། ཁོང་རྣམས་ནས་སང་ཉིན་ཟབ་སྦྱོང་གི་ཉིན་མཐའ་མར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བསྐྱོད་དེ་ཨ་རིའི་རྒྱ་གར་དང་འབྲུག་གི་ལས་དོན་ཐོག་གི་དྲུང་ཆེ་གཞོན་པ་ལྕམ་ Bethany Poulos Morrison བྷེ་ཐ་ནི་པོ་ལོ་སི་མོ་རི་སོན་ལགས་དང་། ཨ་རིའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩལ་ལས་དོན་ཐོག་གི་དྲུང་ཆེ་གཞོན་པའི་ལས་རོགས་ལྕམ་སྐུ་ […] The post ༢༠༢༥ ལོའི་བོད་རིགས་གཞོན་སྐྱེས་ཀྱི་འགོ་ཁྲིད་ཟབ་སྦྱོང་འགྲོ་བཞིན་པ། appeared first on vot.

Share to: